70408
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་གར་སྐད་དུ། སཾ་དྡྷི་མ་ཧཱ་ཀྲཱི་ཧེ་རུ་ཀ་ནོ་པི་ཀ་ན་མ། བོད་སྐད་དུ། དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་གྲུབ་པ་ཞེས་གསལ། གྲུབ་པའི་སློབ་དཔོན་ཆེན་པོ་བཛྲ་ཧཱུྃ་ཀ་རས་མཛད་པའི་དཔལ་ཆེ་མཆོག་ཁྲག་འཐུང་ཧེ་རུ་ཀའི་སྒྲུབ་ཐབས་ཤིག་སྟེ། དེ་ཡང་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ལུང་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཧཱུྃ་ཀ་ར་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་གནུབས་ནམ་མཁའི་སྙིང་པོ་གཉིས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། |