70409

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དག་གྲུབ་པའི་ཚིག་འགྲེལ་མདོར་བསྡུས་ (1)
Part of speech མིང་ཚིག
Definition དཔལ་ཆེ་མཆོག་ཁྲག་འཐུང་ཧེ་རུ་ཀའི་སྒྲུབ་ཐབས་སྐོར་གྱི་འགྲེལ་བ་ཞིག་སྟེ། འཇམ་དབྱངས་མཁྱེན་བརྩེ་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་ཀྱི་ཆོས་སྡེར་བཞུགས་པ་རྣམས་རྗེ་དེ་ཉིད་ཀྱིས་ལམ་འདིའི་སྨིན་གྲོལ་བཤད་ལུང་བཅས་སྩལ་ཞིང་བཀའ་ཡིས་གནང་བ་བྱིན་པ་སོགས་ལ་བརྟེན་ནས། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད། གཞུང་འདི་རྩ་བའི་ས་བཅད་སྒྲུབ་པའི་དམིགས་ཡུལ། སྒྲུབ་པའི་ཐབས། སྒྲུབ་པ་པོ་བསྟན་པ། ཇི་ལྟར་སྒྲུབ་པའི་ཚུལ། སྔོན་འགྲོ། དངོས་གཞི། ཞི་བར་བསྒྲུབ་ཚུལ། ཁྲོ་བོར་བསྒྲུབ་པའི་ཚུལ། སྒྲུབ་པ་དངོས། སྒྲུབ་པ་ཆེན་པོས་དངོས་གྲུབ་བླངས་པ། རྗེས་ཀྱི་བྱ་བ་དང་། མཛད་བྱང་བཅས་ཀྱི་ཁོངས་སུ་བསྡུས་ཏེ་འཆད་པ་ཞིག་ཡིན།