70410
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་རྒྱས་པར། ཡང་དག་གྲུབ་པའི་རྣམ་བཤད་གསང་འགྲེལ་ཆེན་མོའི་དོན་བསྡུས་རབ་གསལ་ཞེས་དང་། གསང་འགྲེལ་ཆེན་མོའི་དོན་བསྡུས་རབ་གསལ་ཡང་ཟེར། འཇམ་དབྱངས་མཁྱེན་བརྩེ་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པས་འདི་ལ་འགྲེལ་བ་ཞིག་ཅིས་ཀྱང་འབྲི་དགོས་ཞེས་བཀས་བསྐུལ་མ་གནང་བ་ལ་བརྟེན་ནས། ཀུན་མཁྱེན་མི་ཕམ་རྒྱ་མཚོས་གནས་མཆོག་སྟག་ཚང་བསམ་འགྲུབ་ཀྱི་དབེན་གནས་སུ་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་གླིང་དུ། དཔལ་བཛྲ་ཀཱི་ལ་ཡའི་བསྙེན་པའི་ཐུན་གསེང་རྣམས་སུ་ཅི་རིགས་བྲིས་ཤིང་། རབ་བྱུང་བཅོ་ལྔ་པའི་ཆུ་རྟ་ཕྱི་ལོ་༡༨༨༢ ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི་གཟའ་མིག་དམར་ཉིན་གྲུབ་པར་བགྱིས་པ་ཞིག་སྟེ། དཔལ་རྡོ་རྗེ་ཁྲག་འཐུང་ཧེ་རུ་ཀའི་སྒྲུབ་ཐབས་ཀྱི་རྣམ་བཤད་ཅིག |