70417

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དག་དུག་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེའི་གོ་བ་ནི། ལོག་པའི་དུག་ལྔ་རང་མཚན་པ་མ་ཡིན་པས་ཡང་དག་ཡིན་ལ། ལོག་པ་དེ་དག་དང་འདྲ་བའི་རྣམ་པ་ཕྱོགས་རེ་བ་ཙམ་ཡོད་པ་ལ་བཏགས་པས་དུག་ལྔ་ཞེས་བྱ་སྟེ། ལྔའི་གྲངས་ནི། ཡང་དག་པའི་འདོད་ཆགས། ཡང་དག་པའི་ཞེ་སྡང་། ཡང་དག་པའི་གཏི་མུག ཡང་དག་པའི་ང་རྒྱལ། ཡང་དག་པའི་འཕྲག་དོག་ཅེས་ལྔ་རུ་བཤད་དེ། འགུ་ཡ་ལས། དེ་ལ་ཡང་དག་དུག་ལྔ་ནི། འདོད་ཆགས་ཞེ་སྡང་གཏི་མུག་དང་། ང་རྒྱལ་འཕྲག་དོག་རྣམ་པ་ལྔ། ཞེས་སོ། །
Domain ཆོས་ལུགས།