70430

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དག་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་ (1)
Part of speech མིང་ཚིག
Definition ལས་གྲུབ་པ་བཤད་པ་ལས་བྱུང་བ་སྟེ། ༡ མཚན་མའི་ལྟ་བ། ༢ བརྟགས་པ་ལ་སྐུར་པ་འདེབས་པའི་ལྟ་བ། ༣ ཀུན་ཏུ་བརྟགས་བ་ལ་སྐུར་པ་འདེབས་པའི་ལྟ་བ། ༤ དེ་ཁོ་ན་ཉིད་ལ་སྐུར་བ་འདེབས་པའི་ལྟ་བ། ༥ ཡོངས་སུ་འཛིན་པར་ལྟ་བ། ༦ ཡོངས་སུ་སྒྱུར་བའི་ལྟ་བ། ༧ ཡོངས་སུ་ཁ་ན་མ་ཐོ་བ་མེད་པར་ལྟ་བ། ༨ ངེས་པར་འབྱུང་བའི་ལྟ་བ། ༩ བརྙས་པའི་ལྟ་བ། ༡༠ རབ་ཏུ་ཁྲོ་བའི་ལྟ་བ། ༡༡ ཕྱིན་ཅི་ལོག་གི་ལྟ་བ། ༡༢ སྐྱེད་པར་ལྟ་བ། ༡༣ ཁས་མི་ལེན་པའི་ལྟ་བ། ༡༤ ངན་གཡོའི་ལྟ་བ། ༡༥ བཀུར་སྟི་བྱེད་པའི་ལྟ་བ། ༡༦ རྨོངས་པ་བརྟན་པའི་ལྟ་བ། ༡༧ རྩ་བའི་ལྟ་བ། ༡༨ ལྟ་བ་མེད་པའི་ལྟ་བ། ༡༩ རབ་ཏུ་སྦྱོར་བ་འགེགས་པའི་ལྟ་བ། ༢༠ ངེས་པར་འབྱུང་བ་མེད་པའི་ལྟ་བ། ༢༡ བསྒྲིབས་པས་སྩོགས་པའི་ལྟ་བ། ༢༢ བསོད་ནམས་མ་ཡིན་པ་སྐྱེད་པའི་ལྟ་བ། ༢༣ འབྲས་བུ་མེད་པར་ལྟ་བ། ༢༤ ངེས་པར་འཛིན་པའི་ལྟ་བ། ༢༥ མི་བདེན་པའི་ལྟ་བ། ༢༦ མི་སྨྲ་བའི་ལྟ་བ། ༢༧ ལྟ་བ་ཆེན་པོ། ༢༨ མངོན་པའི་ང་རྒྱལ་གྱི་ལྟ་བ་བཅས་སོ། །
Domain ཆོས་ལུགས།