7044
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གཉིས་པའི་མེ་ཁྱི་ཕྱི་ལོ་ ༡༡༠༦ ལོར་ཤབ་སྒོ་ལྔའི་ལྕགས་མཁར་རྩེའི་དབུ་མང་དུ་འཁྲུངས། རབ་བྱུང་གསུམ་པའི་མེ་ཁྱི་ཕྱི་ལོ་ ༡༡༦༦ ལོར་སྐུ་གཤེགས། རྔོག་མཚོའི་མཁན་པོ་ལྡོག་པ་ཆེན་པོའི་མཁན་བུ་རྒྱ་འདུལ་ལས་དམ་པའི་ཆོས་འདུལ་བ་ལེགས་པར་གསན། འདུལ་བའི་སྐོར་གྱི་འཆད་ཉན་ཡང་མཛད། དབུས་སུ་བྱོན་ཏེ་དགེ་བཤེས་ཤ་ར་བ་ཆེན་པོའི་མདུན་ནས་ལོ་ངོ་བཅུའི་བར་དུ་སློབ་གཉེར་མཛད་ནས་བཀའ་གདམས་པའི་ཡོན་ཏན་མ་ལུས་པ་ཐུགས་སུ་ཆུད། དགེ་བཤེས་ཤ་ར་བའི་རྣམ་ཐར་གྱི་བཀའ་བབས་ཆེན་པོར་གྱུར། རབ་བྱུང་གསུམ་པའི་ཆུ་བྱ་ཕྱི་ལོ་ ༡༡༥༣ ལོར་སྣར་ཐང་དགོན་པ་གསར་འདེབས་མཛད། སྣར་ཐང་གི་གདན་ས་པ་ལོ་ངོ་བཅུ་བཞིའི་རིང་མཛད། རྡོ་སྟོན་ཤེས་རབ་གྲགས་པ་གདན་སར་བསྐོ་བཞག་གནང། ལ་སྟོད་བྱང་གི་རྟ་སྡེ་ཆོས་ལུང་དུ་བྱོན། དབེན་པའི་རི་ཁྲོད་དུ་རབ་བྱུང་གསུམ་པའི་མེ་ཁྱི་ཕྱི་ལོ་ ༡༡༦༦ ལོར་སྐུ་གཤེགས། གདུང་རྟེན་བྱམས་ཁང་གི་ཤར་གྱི་གྱང་སྦུག་དུ་བཞུགས། དཔལ་སྣར་ཐང་དགོན་པའི་གདན་རབས་དང་པོ་ཡིན། |