70458
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ཕྲ་བ་རྒྱས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། བརྟན་པའི་རྣམ་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ། དཔའ་བའི་སྟོབས་ཀྱི་རྣམ་པར་རྒྱལ་བའི་རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ། ལྷ་ཐམས་ཅད་ཀྱི་གནས་ཤར་ཕྱོགས་སུ་བལྟས་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། གཞུང་ལུགས་ཐམས་ཅད་རྫོགས་པར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། གཞུང་ལུགས་ཐམས་ཅད་ཀྱིས་མ་གོས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ལམ་ཐམས་ཅད་ལ་རབ་ཏུ་མགུ་ཞིང་རབ་ཏུ་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། ལམ་ངན་པར་ཞུགས་པ་ཐམས་ཅད་སྤངས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། རྒྱ་མཚོའི་རྣམ་པ་རྟག་པའི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། རྒྱ་མཚོའི་དུས་ངེས་པ་ལ་མངོན་པར་རྩེ་བའི་རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོའོ། ། |
| Domain | ཆོས་ལུགས། |