70463

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དག་པའི་ཤེས་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མི་སློབ་པའི་ཆོས་བཅུའི་ནང་གསེས་ཤིག་སྟེ། ལམ་ལ་དམིགས་པའི་ཟད་མི་སྐྱེ་ཤེས་ཀྱི་ཡེ་ཤེས་གང་རུང་དུ་གྱུར་པའི་མི་སློབ་པའི་ཤེས་པ་ཞིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ཡང་དག་པའི་རྣམ་གྲོལ་དང་ཡང་དག་པའི་ཤེས་པ་གཉིས་ནི་སྔར་བྱང་ཆུབ་ཏུ་ཇི་སྐད་བཤད་པའི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ཉིད་ལ་བྱེད་པ་ཡིན་ལ། ཞེས་དང་། མཆིམས་མཛོད་ལས། ཡང་དག་པའི་ཤེས་པ་དེ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའང་ཡིན་ཏེ། རང་གི་བྱང་ཆུབ་ཤེས་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།