70481

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་དྲུག་ (1)
Part of speech མིང་ཚིག
Definition ལས་གདགས་པ་ལས་བྱུང་བ་སྟེ། འདོད་པ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ། སེམས་ལས་བྱུང་བ་མ་ཡིན་པ། གཟུགས་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ། སེམས་ལས་བྱུང་བ་མ་ཡིན་པ། གཟུགས་མེད་པ་དང་མཚུངས་ལྡན་པའི་སེམས་ལས་བྱུང་བ། སེམས་ལས་བྱུང་བ་མ་ཡིན་པའོ། །
Domain ཆོས་ལུགས།
ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་དྲུག་ (2)
Part of speech མིང་ཚིག
Definition འདོད་པ་དང་མཚུངས་པར་ལྡན་པའི་སེམས་དང་ལྡན་པ། སེམས་དང་མི་ལྡན་པ། གཟུགས་དང་མཚུངས་པར་ལྡན་པའི་སེམས་དང་ལྡན་པ། སེམས་དང་མི་ལྡན་པ། གཟུགས་མེད་པ་དང་མཚུངས་པར་ལྡན་པའི་སེམས་དང་ལྡན་པ། སེམས་དང་མི་ལྡན་པའོ། །
ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་དྲུག་ (3)
Part of speech མིང་ཚིག
Definition འདོད་པ་དང་མཚུངས་པར་ལྡན་པའི་དམིགས་པ་དང་བཅས་པ། དམིགས་པ་མེད་པ། གཟུགས་དང་མཚུངས་པར་ལྡན་པའི་དམིགས་དང་བཅས་པ། དམིགས་པ་མེད་པ། གཟུགས་མེད་དང་མཚུངས་པར་ལྡན་པའི་དམིགས་པ་དང་བཅས་པ། དམིགས་པ་མེད་པའོ། །
ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་དྲུག་ (4)
Part of speech མིང་ཚིག
Definition འདོད་པ་དང་མཚུངས་པར་ལྡན་པའི་མཐོང་བས་སྤང་བར་བྱ་བ། སྒོམ་པས་སྤང་བར་བྱ་བ། གཟུགས་དང་མཚུངས་པར་ལྡན་པའི་མཐོང་བས་སྤང་བར་བྱ་བ། སྒོམ་པས་སྤང་བར་བྱ་བ། གཟུགས་མེད་པ་དང་མཚུངས་པར་ལྡན་པའི་མཐོང་བས་སྤང་བར་བྱ་བ། སྒོམ་པས་སྤང་བར་བྱའོ། །
ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་དྲུག་ (5)
Part of speech མིང་ཚིག
Definition མིག་གི་སྡོམ་པ་མ་ཡིན་པ། རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་སྡོམ་པ་མ་ཡིན་པའོ། །