From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
ལས་གདགས་པ་ལས་བྱུང་བ་སྟེ། ལུས་ཀྱི་སྒོ་ནས་རྣམ་པར་རིག་བྱེད། ལུས་ཀྱི་སྒོ་ནས་རྣམ་པར་རིག་བྱེད་མ་ཡིན་པ། ངག་གི་སྒོ་ནས་རྣམ་པར་རིག་བྱེད། ངག་གི་སྒོ་ནས་རྣམ་པར་རིག་བྱེད་མ་ཡིན་པ། ཡིད་ཀྱི་སྒོ་ནས་རྣམ་པར་རིག་བྱེད་མ་ཡིན་པའོ། །
|
| Domain
|
ཆོས་ལུགས།
|
ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
ལུས་ཀྱི་སྒོ་ནས་ཐོགས་པ་དང་བཅས་པ། ཐོགས་པ་མེད་པ། ངག་གི་སྒོ་ནས་ཐོགས་པ་དང་བཅས་པ། ཐོགས་པ་མེད་པ། ཡིད་ཀྱི་སྒོ་ནས་ཐོགས་པ་མེད་དོ།
|
ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ལྔ་ (3)
| Part of speech
|
མིང་ཚིག
|
| Definition
|
འདོད་པ་དང་མཚུངས་པར་ལྡན་པའི་ཐོགས་པ་དང་བཅས་པ། ཐོགས་པ་མེད་པ། གཟུགས་དང་མཚུངས་པར་ལྡན་པའི་ཐོགས་པ་དང་བཅས་པ། ཐོགས་པ་མེད་པ། གཟུགས་མེད་པ་དང་མཚུངས་པར་ལྡན་པའི་ཐོགས་པ་མེད་པའོ།
|
ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ལྔ་ (4)
| Part of speech
|
མིང་ཚིག
|
| Definition
|
འདོད་པ་དང་མཚུངས་པར་ལྡན་པའི་རྣམ་པར་རིག་བྱེད། རྣམ་པར་རིག་བྱེད་མ་ཡིན་པ། གཟུགས་དང་མཚུངས་པར་ལྡན་པའི་རྣམ་པར་རིག་བྱེད། རྣམ་པར་རིགས་བྱེད་མ་ཡིན་པ། གཟུགས་མེད་པ་དང་མཚུངས་པར་ལྡན་པའི་རྣམ་པར་རིག་བྱེད་མ་ཡིན་པའོ།
|
ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ་ལྔ་ (5)
| Part of speech
|
མིང་ཚིག
|
| Definition
|
སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པ། ཀུན་འབྱུང་བ། འགོག་པ། ལམ་མཐོང་བས་སྤང་བར་བྱ་བ། སྒོམ་པས་སྤང་བར་བྱ་བའི་ཡང་དག་པར་མ་བསྡམས་པའི་སྡོམ་པ་མ་ཡིན་པའོ། །
|