70497
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | པཎྜི་ཏ་གཱ་ཡ་དྷ་ར་དང་བདག་ཉིད་ཆེན་པོ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར། སླད་ཀྱིས་ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱིས་རྒྱ་དཔེ་རྩ་འགྲེལ་དང་བསྟུན་ནས་ཧོར་ཀོང་བསབས་ཤིང་འགྱུར་བཅོས་ལེགས་པར་མཛད་པ་ལས་བྲིས། རྒྱུད་ཕྱི་མ་བསྟན་པ། རྒྱ་གར་གྱི་མཁན་པོ་ཀཱ་ཡསྠ་པ་ག་ཡ་དྷ་རའི་ཞལ་སྔ་ནས་དང་། བོད་ཀྱི་ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ནས་ཀྱང་བོད་ཀྱི་ལོཙྪ་བ་གཞན་རྣམས་གཞན་གྱིས་བསྒྱུར་བ་ལ་ཟུར་མི་འདྲ་བར་བཅོས་ནས། རང་གི་མིང་བཅུག་ཅིང་གཞན་གྱི་མིང་འཕྱི་བ་དེ་དག་དང་། མི་ཤེས་པ་དེ་དག་སུན་དབྱུང་བའི་ཕྱིར། སླད་ནས་ཀྱང་རྒྱ་གར་གྱི་རྒྱུད་བཞི་དང་། དགེ་སློང་ཤཱཀྱ་ཡེ་ཤེས་དེ་ཉིད་ཀྱིས་གཏུགས་ནས་བཅོས་ཏེ་གཏན་ལ་ཕབ། ཞོལ་དཀར་ཆག་ཏུ་འདི་ལ་བླ་མ་ཁ་ཅིག་ཀྱེ་རྡོར་གྱི་བཤད་རྒྱུད་དུ་བཞེད། བུ་སྟོན་ཀྱིས་རྒྱུད་དུ་མའི་བཤད་རྒྱུད་ཡིན་པ་དང་། ཁྱད་པར་བདེ་མཆོག་གི་བཤད་རྒྱུད་ཡིན་པར་སྒྲུབ་བྱེད་དང་བཅས་ནས་གསུངས། སྡེ་དགེའི་དཀར་ཆག་ཏུའང་གོང་ལྟར་གསུངས་པའི་རྗེས་སུ་“གསུངས་པ་ཉིད་དོན་ལ་གནས་ཤིང་ལེགས་པར་སེམས་སོ། །ཞེས་འཁོད། བཀའ་འགྱུར་རྒྱུད་འབུམ་ག་པར་བཞུགས། |