70498

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དག་བདག་མེད་དེ་བཞིན་ཉིད་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། ཉི་ཟླ་འབར་བའི་སྒྲོན་མ་ལས། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་པ། འབྲུ་ལྔའམ་བཅུ་ཐམ་པར་བཤད་དེ། བདག་མེད་ཅེས་པས་མཚན་ཉིད་སྡེ་གསུམ་བསྟན། དེ་བཞིན་ཉིད་ཅེས་པས་ཀྲི་ཡོག་སྡེ་གསུམ་གྱི་ཐེག་པ་བསྟན། ཡང་དག་ཅེས་པས་བསྐྱེད་རྫོགས་རྣམ་པ་གསུམ་གྱི་ཐེག་པ་བསྟན། ཉིད་ཅེས་པས་རྫོགས་ཆེན་སྤྱི་ཏི་ཡོ་གའི་ཐེག་པ་བསྟན། དེ་ལས་སྤྱི་ཏིའི་འགྲེལ་པ་ལས། ཡང་དག་ནི་ཀ་དག་གི་ཡེ་ཤེས་སོ། །བདག་མེད་ཅེས་པ་སྐྱེ་བ་མེད་པའོ། །དེ་བཞིན་ཉིད་ཅེས་པ་ནི་བྱར་མེད་བློ་འདས་སོ། །ཞེས་གསུངས།
Domain ཆོས་ལུགས།