70500

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དག་མ་ཡིན་པའི་ཀུན་རྟོག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གཞུང་ལུགས་རྣམས་སུ་རྟོག་པ་ཇི་སྙེད་ཅིག་གསུངས་པ་རྣམས། ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཏུ་འདུས་ཏེ། བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཁམས་གསུམ་གྱི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཁམས་གསུམ་པའི་རྣམ་པ་ཅན་གྱི་སེམས་དང་སེམས་ལས་བྱུང་བའོ། །མཚན་གཞི་ནི། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཤེས་པ་ཐམས་ཅད་དང། ཐེག་དམན་སློབ་མི་སློབ་ཀྱི་རྒྱུད་ཀྱི་རྗེས་ཐོབ་ཀྱི་ཤེས་པ་དང། ཐེག་ཆེན་སློབ་པའི་རྗེས་ཐོབ་ཀྱི་ཤེས་པ་རྣམས་སོ། །དབྱེ་ན། གཟུང་འཛིན་གཉིས་སུ་སྣང་བ་ཙམ་གྱི་རྟོག་པ་དང། སེམས་རྩིང་པའི་རྣམ་པ་ཅན་གྱི་རྟོག་པ་དང། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་གསུམ་མོ། །ཞེས་ཀུན་མཁྱེན་གོ་རམས་པས་ཡུམ་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།