70502

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དག་མཐའ་ (1)
Part of speech མིང་ཚིག
Definition མདོ། ཡང་དག་མཐའ་ནི་སྤྲོས་པ་མཐའ་དག་བཀག་པའི་དེ་བཞིན་ཉིད་དེ། འཇུག་འགྲེལ་དུ། འགོག་པ་ལ་སྙོམས་པར་འཇུག་པ་ནི་ཡང་དག་པའི་མཐའ་ལ་སྙོམས་པར་འཇུག་པ་ཡིན་པས། དེ་བཞིན་ཉིད་ལ་འགོག་པ་ཞེས་བྱ་སྟེ། འདིར་སྤྲོས་པ་མཐའ་དག་འགག་པར་འགྱུར་བའི་ཕྱིར་རོ། །ཞེས་དང་། དབུས་མཐར། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་གསུངས་པའི་ཕྱིར་རོ། ། ཡང་དག་མཐའ་མངོན་དུ་བྱས་པ་ན། ཆོས་གསུམ་རྫོགས་པར་བྱས་པས་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་། འདི་ལ་དུས་རྟག་ཏུ་རྣམ་པར་བཞག་པ་སྟེ། ཐུགས་མཉམ་པར་མ་བཞག་པ་མི་མངའ་བའི་མ་འདྲེས་པ་གསུངས་པ་དང་གནད་གཅིག་གོ ། ཞེས་ཀུན་མཁྱེན་གོ་རམས་པས་སྦས་དོན་ཟབ་མོ་ལས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
Domain ཆོས་ལུགས།