70510
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། བཟླས་ཆོག་རིན་ཆེན་སྒྲོན་མའི་ཆ་ལག་ཅིག་སྟེ། བཟླས་ཆོག་འདི་ནི་རིན་ཆེན་སྒྲོན་མའི་གཞུང་གི་ལེའུ་ཞིག་སྟེ། ཐོག་མ་སུམ་ཅུ་རྩ་གསུམ་གྱི་ལྷ་གནས། མཚར་རི་ལྷའི་མདུན་སའི་གསས་ཁང་ལྷ་རྩེ་ན། ལྷ་ཡི་སྟོན་པ་ཡོངས་སུ་དག་པ་ལ་ལྷ་རྣམས་བྲོ་གར་གླུ་ལེན་གྱི་མཆོད་པ་འབུལ་བར་བརྟེན་ནས་ཆོ་ག་འདི་བྱུང་བ་ཞེས་སོ། །ཕྱིས་སུ་སྤྲུལ་སྐུ་བློ་ལྡན་སྙིང་པོ་(འཁྲུངས་ལོ་ཕྱི་ལོ་ ༡༣༦༠) ལ་སྙད་དུ་བརྒྱུད་པའོ། །གཞུང་གི་བསྟན་བྱ་ནི། རོལ་གར་དང་མ་ཏྲིའི་སྙིང་པོ་དང་ཚིག་བཤད་བཅས་སྦྱར་ནས་སྒྲིབ་སྦྱོང་གི་རྣམ་བཞག་ཅིག་སྟེ། དེ་ལ་སྔོན་འགྲོའི་བྲོ་དང་། དངོས་གཞིའི་བྲོ། རྗེས་བྱའི་བཀྲ་ཤིས་སྨོན་ལམ་བྲོ་བཅས་ཀྱི་བྲོའི་རྣམ་གྲངས་མང་ངོ་། ། |
| Domain | ཆོས་ལུགས། |