70520

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དག་ལྷག་ལྡན་གྱི་གཏན་ཚིགས་ (1)
Part of speech མིང་ཚིག
Definition ལྷག་ལྡན་གྱི་གཏན་ཚིགས་ཀྱི་དབྱེ་བའི་ནང་གསེས། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བས་བྱས་པ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པ་ཙམ་ངེས་པས་རྟགས་ཡང་དག་ཉེ་ཡང་། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཐེ་ཚོམ་གྱི་ལྷག་མ་དང་ལྡན་པས་ན་ཡང་དག་ལྷག་ལྡན་ཞེས་བྱའོ། །དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་ཉིད་དེ་སྒྲུབ་ཀྱི་ལྷག་ལྡན་གྱི་གཏན་ཚིགས་གང་ཞིག ། རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་པ་དེ། རང་ཉིད་དེ་སྒྲུབ་ཀྱི་ཡང་དག་ལྷན་ལྡན་གྱི་གཏན་ཚིགས་ཀྱི་མཚན་ཉིད།
Example ཀུན་མཁྱེན་བསྐལ་དོན་དུ་སོང་བའི་རྒོལ་བའི་ངོར་ངག་སྨྲ་ངག་སྨྲའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་ཡང་དག་ལྷན་ལྡན་གྱི་གཏན་ཚིགས་ཡིན་པ་ལྟ་བུ་ཞེས་གསུངས།
Domain ཚད་མ།