70521

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དག་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ (1)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རྟགས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་ནས། མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བའི་དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཞིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། གཉིས་པ་དབྱེ་བ་ནི། ཡང་དག་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་དང་། འགལ་བ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གཉིས་ལས། ཁྱོད་དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་ནས། མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བ་དེ། ཁྱོད་དེ་སྒྲུབ་ཀྱི་ཡང་དག་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་མཚན་ཉིད། ཅེས་དང་། ངག་སྨྲ་བ་དེ། ཀུན་མཁྱེན་ལ་ཐེ་ཚོམ་ཟ་བའི་གང་ཟག་གི་ངོར། ངག་སྨྲ་བའི་སྐྱེས་བུ། ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་དང་པོ་དང་། ཞེས་གསུངས་པའི་ཕྱིར།
Domain ཚད་མ།