70522

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དག་ལྷག་ལྡན་གྱི་མ་ངེས་པའི་རྟགས་ (1)
Part of speech མིང་ཚིག
Definition ལྷག་ལྡན་གྱི་མ་ངེས་པའི་རྟགས་ལ་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཡང་དག་ལྷག་ལྡན་གྱི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། (ལྷག་ལྡན་གྱི་མ་ངེས་པའི་རྟགས་)གང་ཞིག ། ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་ཕྱོགས་ལ་མཐོང་བ། དཔེར་ན་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པ་ལ་ངག་སྨྲ་བ་བཀོད་པ་ལྟ་བུའོ། །ཞེས་གསུངས།
Domain ཚད་མ།