70531

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དབེན་དགོན་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་མགོར་ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱིས་བཏབ། མཚན་ཡང་དབེན་དགོན་ཞེས་གསོལ། ཆོས་བརྒྱུད་རྙིང་མ་དང་ཤར་ཀཿཐོག་པའི་དགོན་ལག་ཏུ་གྱུར། དེ་རྗེས་སུ་རིག་འཛིན་ཀློང་གསལ་སྙིང་པོ་བྱོན་ནས་གུ་རུ་གཙོ་འཁོར་གསུམ་བཞེངས། གུ་རུའི་གསུང་འབྱོན་པས་གསུང་འབྱོན་མ་ཞེས་གྲགས་ཏེ་བྱིན་རླབས་གུ་རུ་དངོས་དང་མཉམ་པར་གསུངས། དེ་རྗེས་ས་སྐྱ་པའི་བླ་མ་དགའ་ཨ་ནན་ཏ་ཟེར་བ་ཞིག་བྱོན་ཏེ་གོང་གི་ལྷ་ཁང་ཟུར་དུ་གཙུག་ལག་ཁང་ཞིག་བཞེངས། ཀུན་འབྱུང་ཕན་བདེ་འོད་གསལ་བདེ་ཆེན་གླིང་ཞེས་མཚན་གསོལ་ཏེ་ཆོས་བརྒྱུད་ས་སྐྱའི་གྲུབ་མཐར་བསྒྱུར་ནས་དགུ་གཏོར་ཀྱེ་རྡོར་སྒྲུབ་པ་དང་གར་འཆམ་བཅས་ད་ལྟ་ཡང་དར། རྗེས་སུ་རྫོགས་སྤྲུལ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་བྱོན་ཏེ་འཇའ་ཚོན་གླིང་པའི་ཟབ་གཏེར་གྱི་ཁྲིད་ལུང་རྒྱ་ཆེར་གསུངས། དེ་ནས་རྫོགས་ཆེན་དགོན་ལག་ཏུ་གྱུར་ཏེ་གྲྭ་ས་རྫོགས་ཆེན་དུ་བྱོན་པ་མང་། རབ་བྱུང་བཅོ་ལྔར་གཏེར་ཆེན་འགྲོ་འདུལ་གང་དབང་གླིང་པ་བྱོན་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ལྗགས་ལུང་ཡོངས་སུ་རྫོགས་པ་བསྩལ། བདེ་ཆེན་ཞིང་སྒྲུབ་དང་སྙུང་གནས་ཆ་བརྒྱད། དཀོན་མཆོག་སྤྱི་འདུས་ཀྱི་ཚེས་བཅུ་འཆམ་བཅས། དབྱར་གནས་ཞག་ལྔ་བཅུ། རྫོགས་ཆེན་པའི་བླ་མ་རྣམས་ལ་གདུང་མཆོད་དང་སྒྲུབ་མཆོད་མང་དུ་ཡོད།