70532
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། སོར་རག་ཁ་པའམ་སོ་རག་བྱ་བྲལ་ཞེས་ཞུ། དུས་རབས་བཅོ་ལྔ་པའི་སྟོད་ཙམ་ལ་སོ་རག་སེང་གེ་འབུམ་པའི་རིགས་དབོན་དུ་སྐུ་འཁྲུངས་ཤིང་སེང་གེ་འབུམ་པ་བླ་མར་བསྟེན་ནས་གདམས་ངག་ཐམས་ཅད་རྫོགས་པར་གསན། སེང་གེ་འབུམ་པ་གཤེགས་རྗེས་ལོ་འགའ་ལ་གདན་རབས་གཉིས་པའི་མཚན་འགན་བཞེས་ཤིང་གདན་ས་བསྐྱངས། ཕྱིས་སུ་སོ་རག་ཡང་དགོན་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་གྲུབ་པ་ཐོབ། འབའ་རོམ་འཕུར་ཤེས་བཅུ་གསུམ་གྱི་ཡ་གྱལ་སོ་རག་བྱ་བྲལ་བ་ཞེས་གྲགས། སློབ་ཚོགས་མང་དུ་བྱུང་བ་ལ་སློབ་མའི་གཙོ་བོ་ནི། རིགས་དབོན་བྲག་ཕུག་པ་ཚུལ་ཁྲིམས་རྒྱལ་མཚན་ཡིན། དེ་ལྟར་མཛད་པ་མཐར་ཕྱིན་ནས་དགུང་གྲངས་ལྔ་བཅུའི་ཐོག་གཟུགས་སྐུའི་བཀོད་པ་བསྡུས་སོ། །དེ་ལྟར་སོ་རག་བྱ་བྲལ་བ་སྐུ་ཕྲེང་དང་པོ་ནས་བཟུང་སྐུ་ཕྲེང་བརྒྱད་ཀྱི་བར་གྱིས་སོ་རག་དགོན་གྱི་གདན་ས་བསྐྱངས་ཀྱང་མཚན་དང་མཛད་རྣམ་འདི་སྐབས་སུ་མ་རྙེད། ། |