70535

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དབེན་མཁན་ཆེན་སྐུ་ཕྲེང་བཅུ་གཉིས་པ་བདེ་ལེགས་འབྱུང་གནས་ (1)
Part of speech མིང་ཚིག
Definition ཁོང་ནི། ནིན་གྲོ་མགོ་ཚང་དུ་ཡབ་གྲོ་མགོ་རྡོ་རྗེ་དང་ཡུམ་ཨོ་ཇོལ་བཟའ་དགའ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་མོ་ལུག་སྤྱི་ལོ་ ༡༩༢༩ ལོར་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཀྱང་ཐུགས་རིག་ཤིན་ཏུ་བཀྲ་ཞིང་ཨ་ལྡེའུ་ཆོས་ཀྱི་རྒྱ་མཚོ། འཁྲུལ་ཞིག་ས་སྤྲུལ། ཆོས་མགོན་མཐུ་སྟོབས་ཆོས་ཀྱི་རྒྱ་མཚོ། ཚོགས་གཉིས་བླ་རྒན། མཁན་པོ་རྣམ་རྒྱལ་བཟང་པོ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་ཡོངས་འཛིན་དུ་བསྟེན་ནས་གསན་བསམ་རྒྱ་ཆེར་བགྱིས་པས་བསླབ་སྦྱང་གི་ཡོན་ཏན་ཕུལ་དུ་བྱུང་བར་གྱུར། བར་སྐབས་བོད་ཀྱི་བླ་སྤྲུལ་སྤྱི་དང་མཚུངས་པར་ཟི་ལིང་བཙོན་ཁང་ནང་དུ་ལོ་ངོ་ཉི་ཤུར་བཞུགས་དགོས་བྱུང་བས་འོ་རྒྱལ་བསམ་ཡུལ་ལས་འདས་པ་བྱུང་། སླར་ཡང་དར་བསྟན་པའི་དབུ་བརྙེས་པ་ན་སྐྱབས་མགོན་ཨ་ལྡེའུ་རིན་པོ་ཆེ་དང་ལྷན་དུ་དགོན་པ་བསྐྱར་བཞེངས་ཀྱི་ཕྱག་ལས་གནང་བ་དང་། འདུ་ཚོགས་དུས་མཆོད་བཙུགས་པ། གྲྭ་གསར་རྣམས་ཀྱི་མིག་ལྟོས་ཀྱི་རྒྱན་དུ་འོས་པར་བཞུགས་པ་སོགས་བསྟན་འགྲོར་ཞབས་འདེགས་ཀྱི་བྱ་བ་བློས་གཞལ་བར་དཀའ་བ་བསྒྲུབས་ནས་མཐར་དགུང་གྲངས་དོན་གསུམ་པ་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ལུག་སྤྱི་ལོ་༡༩༩༡ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །