70557

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་ཟློག་ནག་པོའི་དྲག་སྔགས་སྤུ་གྲིའི་འཁོར་ལོ་ (1)
Part of speech མིང་ཚིག
Definition རྙིང་མ། ཡང་ཟློག་ནག་པོའི་དྲག་སྔགས་སྤུ་གྲིའི་འཁོར་ལོ་ཤིན་ཏུ་ངན་སྔགས། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཨེ་མ༔ ཁྲག་འཐུང་ནག་པོའི་གཙུག་ལག་དཔལ་དགྱེས་དང༔ ཤཱནྟིཾ་གརྦྷ་བ་སུདྷཱ་རཱ་ཡིས༔ གཅེས་ཟབ་འདི་འདྲ་པདྨ་བདག་ལ་གནང༔ རྟ་མགྲིན་གསང་འདུས་སྐུ་ཡི་ལས་ཚོགས་སུ༔ གནམ་སྐས་བྲག་ལ་སྦས་སོ་ཐུགས་ཀྱི་སྲས༔ སྐལ་ལྡན་ཁྱོད་དང་འདི་འཕྲད་བསྟན་པའི་རུ་དྲ་རྩད་ནས་བཅད་པའི་མཚོན་ཆར་ཤོག༔ ཅེས་གསལ། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། ཏིང་ངེ་འཛིན་དང་། སྔགས། དུས་ཚོད། ལས་སྦྱོར། གནད་ཀྱིས་མན་ངག་བཅས་ལྔ་ཡི་སྒོ་ནས་ཕ་རོལ་གྱི་སྦྱོར་བ་ངན་པ་རང་གཤེད་དུ་འབེབས་པར་བྱེད་པའི་དྲག་སྔགས་སྤུ་གྲིའི་འཁོར་ལོ་བསྟན་ནོ། །