70558

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་ཟློག་རྡོ་རྗེ་ཕ་ལམ་ (1)
Part of speech མིང་ཚིག
Definition རྙིང་མ། རྟ་མགྲིན་གསང་བ་འདུས་པའི་ལས་ཚོགས་ལས། ཡང་ཟློག་རྡོ་རྗེ་ཕ་ལམ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཡང་ཟློག་རྡོ་རྗེ་ཕ་ལམ་འདི༔ ཤར་གཏེར་ལྷོ་གཏེར་གཉིས་སུ་སྦས༔ དེ་མིན་སྦས་པ་ཡོད་རེ་སྐན༔ དེ་གཉིས་ནང་ནས་འདི་ཉིད་ཟབ༔ ཁྱད་པར་གནད་ཀྱི་ཡིག་ཆུང་ཡོད༔ སྣོད་མེད་རྣམས་ལ་ཤོར་སྲིད་པས༔ རང་གི་ཙིཏྟའི་གའུར་སྦོས༔ ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་ལྷོ་བྲག་གནམ་སྐས་ཅན་ནས་གདན་དྲངས། འདིའི་ནང་དོན་ལ། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར་དམ་ཉམས་དགྲ་བོ་སྒྲོལ་བའི་སྔགས་ཇི་ལྟར་བཟླ་ཚུལ་བསྟན།
Domain ཆོས་ལུགས།