70559

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་ཞལ་ཤེས་བསྙེན་རྒྱུད་བཀའ་རྒྱ་མ་ (1)
Part of speech མིང་ཚིག
Definition ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་ཞལ་ཤེས་བསྙེན་རྒྱུད་བཀའ་རྒྱ་མ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཡང་ཟློག་རྡོ་རྗེ་ཕ་ལམ་འདི༔ གཅེས་པའི་སྲོག་ལྟར་བཙས་ནས་ཀྱང༔ ད་ལྟ་སྤེལ་བའི་གནས་མེད་དོ༔ ༔ རིན་ཆེན་གཏེར་དུ་སྦས་ཏེ་བཞག༔ མ་འོངས་དུས་ཀྱི་ཐ་མ་ལ༔ སྐལ་ལྡན་གཅིག་དང་ཕྲད་ནས་ཀྱང༔ སངས་རྒྱས་བསྟན་པའི་བཙས་སུ་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་ཅན་ནས་གདན་དྲངས། འདིའི་ནང་དོན་ལ། རང་གི་ཆོས་སྐྱོང་དགྲ་ལ་རྦད་པའི་དུས་སུ་ཁོའི་བཟློག་པ་བྱས་ཏེ་རང་ལ་ལྡོག་པའི་རྟགས་བྱུང་ན་རང་ཉིད་ཡི་དམ་གྱི་ལྷ་ཚེ་བདག་ནག་པོར་གསལ་བའི་སྒོ་ནས་དེ་བཟློག་པའི་ཐབས་བསྟན།