70561

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་འཇུག་ (1)
Part of speech མིང་ཚིག
Definition སྒྲ་རིག་པ། ད་དང་ས་གཉིས་ཏེ། ད་དྲག་དང་ས་དྲག་ཡང་ཟེར། རྗེས་འཇུག་ན་ར་ལ་གསུམ་གྱི་མཐའ་ལ་ད་ཡིག་འཐོབ་པ་དང་། རྗེས་འཇུག་ག་ང་བ་མ་བཞིའི་མཐའ་ལ་ས་ཡིག་འཐོབ་པ་ཡིན། འོན་ཀྱང་། འབྲི་བའི་ཚེ་ན། ད་དྲག་དངོས་སུ་མི་འབྲི་བ་ཡིན།
Example འཛིནད། གྱུརད། སྩལད་ལྟ་བུ་ལ་འཛིན། གྱུར། སྩལ་ཅེས་འབྲི་བ་ཡིན། འཕགས། གངས། བབས། བཤམས་ཞེས་པ་ལྟ་བུ།