70572

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་ཡང་ཟ་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།

{{#arraymap:ཡང་ཡང་ཟ་བའི་ལྟུང་བྱེད་

|; |@@@ | | }}

ཡང་ཡང་ཟ་བའི་ལྟུང་བྱེད་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དུས་ཉི་མ་གཅིག་ལ་ཁྱིམ་པའི་མགྲོན་དུ་བོས་པ་ལན་གཉིས་ཡན་ཆད་བྱུང་བ་ན་ཟས་ཕྱི་མ་ལ་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་མེད་པའི་ཟས་ཕྱི་མ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་གིས་ཟས་ཟ་བའི་སྦྱིན་བདག་དང་། གང་ཟ་བའི་དངོས་པོ་དང་། གང་གི་ཚེ་ཟ་བའི་དུས་དང་། གང་གིས་ཟ་བའི་རྟེན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་ཡང་ཡང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཡང་ཡང་ཟ་བརཞུགས་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཅིག་ཅར་དུ་ཡང་རུང། ཕྱིས་ཀྱང་རུང་སྟེ་གོས་ཀྱི་རྙེད་པ་མེད་པའི་མགྲོན་དུ་བོས་པ་གཉིས་པ་རྙེད་ནའོ། །ཞེས་དང། ཟོས་ན་དངོས་གཞིའོ། །ཞེས་པས་བསྟན། ངོ་བོ་ནི། ན་བ་དང་ལས་བྱེད་པ་དང། ལམ་དུ་འོང་བ་དང། མུ་གེའི་སྐབས་མ་ཡིན་པར་ཉི་མ་གཅིག་གི་ནང་དུ་དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་ཁ་ཟས་ཀྱི་བསོད་སྙོམས་གཉིས་གཅིག་ཅར་རམ་སྔ་ཕྱིར་རྙེད་ཀྱང་རུང། ཡང་ཡང་ལོངས་སྤྱོད་བའི་བཅས་པའི་ཁ་ན་མ་ཐོའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:ཡང་ཡང་ཟ་བའི་ལྟུང་བྱེད་

|; |@@@ | | }}