70591
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚ་དམྱལ་བརྒྱད་ཀྱི་ནང་གསེས་ཤིག་སྟེ། ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་ལ་མདག་མེ་འབར་བའི་ཀློང་དུ་དམྱལ་བའི་སེམས་ཅན་གྲངས་མེད་དུ་འདུས་ནས་སྔོན་གྱི་ལས་ཀྱིས་མཐུས་ཕན་ཚུན་ཁོང་ཁྲོའི་སེམས་ཀྱིས་མཚོན་ཆ་སྣ་ཚོགས་པས་གཅིག་ལ་གཅིག་བརྡེགས་ནས་ཤི་བ་དང༌། ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་གྲག་མ་ཐག་ཡང་སོས་ཏེ་སྔར་བཞིན་འཐབ་པ་སོགས་ཤི་སོས་རེས་མོས་བྱེད་པའི་སྡུག་བསྔལ་བ་མྱོང་དགོས་པས་སམ་ལུས་རྣམས་བཅད་ཅིང་ཕུག་ལ་གཏགས་ཀྱང་རླུང་གྲང་མོ་དག་ལངས་ནས་སེམས་ཅན་དེ་དག་ཡང་སོས་པར་འགྱུར་བས་ཡང་སོས་ཅེས་བྱའོ། །དེ་དག་གི་ཚེའི་ཚད་ནི་རྒྱལ་ཆེན་རིས་བཞི་བའི་ཚེ་ཚད་རང་ལོ་ལྔ་བརྒྱ་ལ་ཡང་སོས་ཀྱི་ཉིན་ཞག་གཅིག་ཡིན་པས། དེ་ལྟ་བུའི་ཞག་སུམ་ཅུ་ལ་ཟླ་བ་དང་ཟླ་བ་བཅུ་གཉིས་ལ་ལོ་ཡིན་པས་རང་ལོ་ལྔ་བརྒྱ་ཚེའི་ཚད་དེ། མིའི་ལོ་ཁྲག་ཁྲིག་བཅུ་དྲུག་དང་ཐེར་འབུམ་ཆེན་པོ་གཉིས་གནས་དགོས་སོ། ། |
| Domain | ཆོས་ལུགས། |