70597

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་སྟེང་བློ་བཟང་ཆོས་འཕེལ་ (1)
Part of speech མིང་ཚིག
Definition འདབས་ཡང་སྟེང་དགོན་དང་ཉེར་བའི་ཡུལ་ཞོལ་ལ་འཁྲུངས། ཆུང་དུས་ནས་ཡང་སྟེང་དགོན་དུ་རབ་ཏུ་བྱུང་། ཡི་གེའི་སྦྱོར་ཀློག་བཅས་ལ་ལེགས་པར་བསླབས། དབུས་ཀྱི་དགའ་ལྡན་རྣམ་རྒྱལ་གླིང་དུ་བསྡུས་གཞུང་བཅས་ཐུགས་བརྩོན་གནང་། སེ་ར་ཐེག་ཆེན་གླིང་དུ་གཞུང་ཆེན་བཀའ་པོད་ལྔ་ལ་མཁས་པར་སྦྱངས། ཚོགས་ལངས་དང་མིང་བཏགས་སོགས་ལེགས་པར་གྲུབ། སྟོད་རྒྱུད་གྲྭ་ཚང་དུ་རྒྱུད་ཆེན་དགེ་འདུན་གྲགས་པ་དང་། མཁན་ཆེན་བློ་བཟང་དགེ་ལེགས་སོགས་ལས་གསང་སྔགས་ཀྱི་གཞུང་དང་། ཆོ་ག་ཕྱག་ལེན་བཅས་ལ་ནང་བྱན་ཆུད་པ་མཛད། སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་དང་། རྡོ་རྗེ་འཛིན་པ་གནང་། རབ་བྱུང་བཅུ་གཉིས་པའི་ལྕགས་ལུག་ཕྱི་ལོ ༡༦༩༡ ལོར་རྒྱུད་སྟོད་མཁན་ཁྲིར་ཕེབས། ཤར་རྩེར་ཕེབས་ཏེ་འགྲིག་ལམ་དང་། འཆད་ཉན། གཏོང་སྒོ་བཅས་ཀྱི་ཐད་ནས་སྔར་ལས་ལྷག་པར་བསྐྱངས། མངའ་རིས་མཐོ་ལྡིང་གི་མཁན་པོར་ཕེབས། ལ་དྭགས་རྒྱལ་པོ་སོགས་སྟོད་ཕྱོགས་ཀྱི་རྒྱལ་པོ་དང་རྒྱལ་ཕྲན་ཀུན་གྱི་རིགས་ཀྱི་ཅོད་པཎ་དུ་གྱུར། སྟོད་ཧོར་གྱི་དམག་དཔུང་སླེབས་སྐབས་ལྕགས་མཁར་ཟུར་དགུ་བསྒྲུབས་པས་ནུས་རྟགས་ཐོན་ཏེ་ཧོར་དམག་རྣམས་ཀྱང་འཇིགས་ནས་བྲོས། རབ་བྱུང་བཅུ་གཉིས་པའི་ས་ཡོས་ཕྱི་ལོ ༡༦༩༩ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་ངོ་གསུམ་རིང་བསྐྱངས། སྐུ་གཤེགས། འདས་ལོ་མི་གསལ། ལྷ་བབས་མཆོད་རྟེན་བཞེངས་ཏེ་བླ་མ་ལྷ་ཁང་དུ་བཞུགས། གསུང་རྩོམ་ནི་པོད་གསུམ་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཞེ་བདུན་པ་ཡིན། མཚན་གཞན། ཤར་རྩེ་བློ་བཟང་ཆོས་འཕེལ་། སྤོ་འབོར་བློ་བཟང་ཆོས་འཕེལ།