70603
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྐྱེས་རབས་བདུན་ཏེ། ཐོག་མར་སྔགས་ཀྱི་པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས་ཞེས་པ་ནས་བསྟུད་མར་འཇམ་དཔལ་ཡི་དམ་ལྷར་མཛད་པའི་སྐྱེ་བ་བདུན་ལ་ཟེར། ས་སྐྱའི་གདུང་རབས་ལས། རྗེ་ཉིད་ཀྱི་ཞལ་ནས། ཡང་ལོ་ཉེར་གཅིག་པའི་གཡང་བར་ཉིན་ཕྱེད་གཅིག་ཙོག་གཉིད་དུ་སོང་བའི་རྨི་ལམ་ན་སྐྱེ་བ་སྔ་མ་ལ་བཟུང་བ་ཡིན་བྱས་ཏེ་མཚན་བརྗོད་ཚར་གཅིག་ཁ་ཏོན་དུ་བཏོན་པ་རྨིས་པའི་རྗེས་སུ་འཕགས་པ་འཇམ་དཔལ་སྐྱེ་བ་བདུན་གྱི་བར་དུ་ཡི་དམ་གྱི་ལྷའོ་ཞེས་ལུང་བསྟན་པ་རྨིས་གསུངས་ཞེས་དང་། སྤྱིར་ངས་སྐྱེ་བ་བདུན་ཙམ་དྲན་པ་རྨིས་ཞེས་གསུངས་པ་རྗེ་ཉིད་ཀྱི་སྐྱེ་བ་རྣམ་པ་བདུན་ལ་གོ་དགོས། |