70638

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡན་ལག་གི་ཉེས་བྱས་བརྒྱད་ཅུ་ (1)
Part of speech མིང་ཚིག
Definition སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ལས་བྱུང་བ་སྟེ། ༡ བདེ་སྡུག་ཡལ་བར་འདོར་བ་ཉི་ཤུ་རྩ་བཞི་ནི། གཞན་གྱི་སྡུག་བསྔལ་དང་ཡིད་མི་བདེ་བ་ཞི་བར་ནུས་བཞིན་དུ་ཞི་བར་མི་བྱེད་པ་དང་། བདེ་བ་དང་ཡིད་བདེ་བ་བསྐྱེད་ནུས་བཞིན་དུ་བསྐྱེད་པར་མི་བྱེད་པ་གཉིས་ཏེ་དབྱེ་གཞིའོ། །དེ་གཉིས་ལ་ལུས་དང་སེམས་ཀྱི་རྟེན་སོ་སོས་ཕྱེ་བས་བཞི། དེ་ལ་ད་ལྟ་དང་མ་འོངས་པའི་དུས་ཀྱིས་ཕྱེ་བས་བརྒྱད། དེའི་ཆེད་དུ་སྒོ་གསུམ་མི་བརྩོན་པ་དང་། ཕན་པའི་རྒྱུ་རྐྱེན་མི་འཚོལ་བ་དང་། གཉེན་པོའི་ཕྱོགས་ལ་མི་འབད་པ་སྟེ། དེ་ལྟར་སྒྲུབ་ཀྱི་སྒོ་གསུམ་པ་དེས་ཕྱེས་བས་སོ། །༢ སྒྲུབ་པ་ཡལ་བར་འདོར་བ་བཅུ་དྲུག་ནི། སྡུག་བསྔལ་དང་ཡིད་མི་བདེ་ཆེན་པོའི་གཉེན་པོར་ཆུང་ངུ་མི་བསྐྱེད་པ་གཞིར་བཞག་ནས། དེ་གཉིས་ལ་འདི་དང་ཕྱི་མའི་སྐྱེ་བས་ཕྱེ་བས་བཞི། རང་དང་གཞན་གྱི་རྒྱུད་ཀྱིས་ཕྱེ་བས་བཞི། ཡང་བདེ་བ་དང་ཡིད་བདེ་བ་ཆེན་པོའི་ཕྱིར་ཆུང་ངུ་ཉམས་པར་མི་བྱེད་པ་གཞིར་བཞག་ནས། སྔར་ལྟར་སྐྱེ་བ་དང་རྒྱུད་ཀྱིས་ཕྱེ་བས་བརྒྱད་དོ། །༣ དེ་དག་ལས་ཕྱེ་བས་བརྒྱད་ཅུ་ནི། དེ་ལྟར་བཞི་བཅུ་པོ་རེ་རེ་ལའང། རེ་ཞིག་ཡལ་བར་འདོར་བ་དང་། གཏན་དུ་ཡལ་བར་འདོར་བ་གཉིས་གཉིས་སུ་ཕྱེ་བས་སོ། །
Domain ཆོས་ལུགས།

{{#arraymap:ཡན་ལག་གི་ཉེས་བྱས་བརྒྱད་ཅུ་

|; |@@@ | | }}