70641
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྙིང་མ། བསྐྱེད་པ་མ་ཧཱ་ཡོ་ག་ལ་ལས་བསྟན་པ་སྟེ། ༡ འདོད་ཆགས། ཞེ་སྡང༌། གཏི་མུག ང་རྒྱལ། ཕྲག་དོག་སྟེ་མི་སྤང་བའི་དམ་ཚིག་ལྔ། ༢ དྲི་ཆེན། དྲི་ཆུང༌། རཀྟ། བྱང་སེམས་དཀར་དམར་ཏེ་དང་དུ་བླངས་པ་ལྔ། ༣ སྲོག་གཅོད། མ་བྱིན་པར་བླངས་པ། མི་གཙང་སྤྱོད་པ། རྫུན་དུ་སྨྲ་བ། ངག་འཁྱལ་བ་སྟེ་སྤང་བར་བྱ་བ་ལྔ། ༤ ཕུང་པོ་འབྱུང་བ་རྣམ་ཤེས་ལྔ་རྣམས་ཡབ་ལྔ་ཡུམ་ལྔར་གསལ་པོར་ཤེས་པར་བྱ་བ་ལྔ། ༥ དེ་བཞིན་གཤེགས་པའི་རིགས། རྡོ་རྗེའི་རིགས། རིན་པོ་ཆེའི་རིགས། པདྨའི་རིགས། ལས་ཀྱི་རིགས་ཏེ་བསྒྲུབ་པར་བྱ་བ་ལྔ་བཅས་སོ། ། |
| Domain | ཆོས་ལུགས། |