70649

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡན་ལག་གི་རླུང་ལྔ་ (1)
Part of speech མིང་ཚིག
Definition དཔལ་དུས་ཀྱི་འཁོར་ལོ་ནས་གསུངས་པའི་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་གཉིས་སུ་དབྱེ་བའི་ཡ་གྱལ་ཨ་ཡིག་ཀླུའི་རླུང་ཡེ་ཤེས་ཀྱི་ཁམས་པ། རུས་སྦལ་ཨེ་ཡིག་རླུང་ཁམས་པ། རྩངས་པ་ཨར་ཡིག་མེ་ཁམས་པ། ལྷས་བྱིན་ཨོ་ཡིག་ཆུ་ཁམས་པ། ནོར་ལྷས་རྒྱལ་ཨལ་ཡིག་ས་ཁམས་པ་སྟེ། ཀླུ་ནི་བདེན་བྲལ་གྱི་རྩ་རྒྱལ་ལ་གནས། མིག་གི་རྣམ་ཤེས་སྐྱེད་སྦོམ་འཁྲོག་དང་སྒྲེག་པ་སོགས་འབྱུང་། རུས་སྦལ་རྒྱལ་ཀྱི་རྩ་རྒྱལ་བ་ལ་གནས། ཡན་ལག་བརྐྱང་བསྐུམ་གྱི་བྱ་བ་བྱེད། རྩངས་པ་རླུང་མཚམས་ཀྱི་རྩ་ཀུན་ཏུ་འཕྱང་བ་ལ་གནས། ཁྲོ་བ་དང་གཡེང་པ་དང་། སྨྱོ་བ་ལ་སོགས་པའི་བྱ་བ་བྱེད། ལྷས་བྱིན་གཡོན་གྱི་རྩ་ཨི་ཊ་ལ་གནས། གཡལ་བ་དང་རླུང་ནད་སྐྱེད་བའི་བྱ་བ་བྱེད། ནོར་ལྷས་རྒྱལ་དབང་ལྡན་གྱི་རྩ་ཚུལ་འཆོས་མ་ལ་གནས། འདི་ས་ཁམས་ཀྱི་ནང་ཚན་ཤིན་ཏུ་རགས་པ་ཡིན་པས། སྲོག་དང་བྲལ་ནས་ཀྱང་ལུས་ཀྱི་ཚོགས་པ་མི་གཏོང་པར་ཡུན་རིིིང་དུ་གནས་སོ། །
Domain ཆོས་ལུགས།
ཡན་ལག་གི་རླུང་ལྔ་ (2)
Part of speech མིང་ཚིག
Definition རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་པར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ།