70659

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡན་ལག་དྲུག་གི་ཁྲིད་ཡིག་ཐར་ལམ་གསལ་བྱེད་ (1)
Part of speech མིང་ཚིག
Definition སྔགས་ཀྱི་ལྟ་ཁྲིད་སྐོར། དུས་འཁོར་སྦྱོར་བ་ཡན་ལག་དྲུག་གི་ཐོག་མཐའ་བར་དགེའི་ཁྲིད་ཡིག་ཅིག་སྟེ། གཞུང་མཚན་རྒྱས་པ་ནི། ཟབ་ལམ་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་ཡིག་ཐར་ལམ་གསལ་བྱེད་ཅེས་བཏགས། དེ་ལ་ཐོག་མཐའ་བར་དགེའི་ཁྲིད་ཡིག་བཅས་གསུམ་ཕྱེས། མཛད་པ་པོ་ནི་ཇོ་ནང་གྷ་རུང་བ་ལྷ་ཡི་རྒྱལ་མཚན། གཞུང་ཚད་ལ་པོད་ཕྱེད་ཙམ་བཞུགས། མཛད་པའི་ཁུངས་ཀྱང་གཞུང་དེའི་མཇུག་ཏུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་སྔགས་ཀྱི་སེམས་འགྲེལ་སྐོར་ལྔ་ལས་གསལ་བར་གསུངས་པའི་དོན་ཇི་ལྟ་བ་བཞིན། ཆོས་ཀྱི་རྗེ་ཆོས་ཀྱི་རྒྱལ་པོ་ཕྱོགས་ལས་རྣམ་པར་རྒྱལ་བས་མཛད་པའི་ཁྲིད་ཡིག་བྱིན་ཅན་གཞིར་བཞག་ཅིང་། ཅུང་ཟད་ཐོས་པ་རྣམས་ཁ་བསྐངས་པའི་ཁྲིད་ཡིག་ཐར་ལམ་གསལ་བྱེད་ཅེས་བྱ་བ་འདི། ཞེས་བྱུང་ངོ་། །