70661

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡན་ལག་དྲུག་གི་དག་བྱ་སོ་དྲུག་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དག་བྱེད་སྦྱོར་བ་ཡན་ལག་དྲུག་གི་དག་བྱ་ཕུང་ཁམས་སོ་དྲུག་སྟེ། ཕུང་པོ་དྲུག ཁམས་དྲུག སྐྱེ་མཆེད་དྲུག ཡུལ་དྲུག དབང་བོ་དྲུག བྱ་བ་དྲུག་བཅས་ཡིན་ལ། ཇོ་ནང་ཏཱ་ར་ནཱ་ཐའི་ཟུང་འཇུག་རབ་གསལ་ལས། སྦྱང་བྱ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྣང་བའི་མ་དག་པའི་ཕུང་ཁམས་སོ་དྲུག་སྟེ། ཞེས་དང་། དེ་ལྟ་བུའི་ཕུང་ཁམས་སོ་དྲུག་སྒྲིབ་བྲལ་དུ་གྱུར་པ་ནི་ལྷ་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་རབ་འབྱམས་ཡིན་ལ། ཀུན་ཁྱབ་ཡེ་ཤེས་ནི་སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའོ། །ཞེས་བྱུང་ངོ་། །
Domain ཆོས་ལུགས།