70662
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཡེ་ཤེས་ཀྱི་རིགས་དྲུག་སོར་སྡུད་ཀྱི་དག་འབྲས་དང་། ནམ་མཁའི་རིགས་དྲུག་བསམ་གཏན་གྱི་དག་འབྲས་དང་། རླུང་ཁམས་ཀྱི་རིགས་དྲུག་སྲོག་རྩོལ་གྱི་དག་འབྲས་དང་། མེ་ཁམས་ཀྱི་རིགས་དྲུག་འཛིན་པའི་དག་འབྲས་དང་། ཆུ་ཁམས་ཀྱི་རིགས་དྲུག་རྗེས་དྲན་གྱི་དག་འབྲས་དང་། ས་ཁམས་ཀྱི་རིགས་དྲུག་ཏིང་ངེ་འཛིན་གྱི་དག་འབྲས་བཅས་ཏེ། ཇོ་ནང་ཏཱ་ར་ནཱ་ཐའི་ཟུང་འཇུག་རབ་གསལ་ལས། ཡེ་ཤེས་ཀྱི་རིགས་དྲུག་ཚན་པ་གཅིག་པོ་དེ་སོར་སྡུད་ཀྱིའོ། །ཞེས་དང་། ནམ་མཁའི་རིགས་དྲུག་ནི། བསམ་གཏན་གྱི་ཡན་ལག་གིའོ། །ཞེས་དང་། རླུང་ཁམས་ཀྱི་རིགས་དྲུག་སྲོག་རྩོལ་དང་སྦྱར་བར་བྱའོ། །ཞེས་དང་། མེ་ཁམས་ཀྱི་རིགས་དྲུག་རྣམས་འཛིན་པའི་འོ། །ཞེས་དང་། ཆུ་ཁམས་ཀྱིས་རིགས་དྲུག་ནི་རྗེས་དྲན་གྱིའོ། །ཞེས་དང་། ས་ཁམས་ཀྱི་རིགས་དྲུག་པོ་དེ་དག་ནི་ཏིང་ངེ་འཛིན་ལ་སྦྱོར་རོ། །ཞེས་བྱུང་ངོ་། ། |
| Domain | ཆོས་ལུགས། |