70665

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡན་ལག་དྲུག་གོ་རིམ་ངེས་པ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དེ་ཡང་ཏིང་ངེ་འཛིན་གྱི་མི་འགྱུར་བའི་ཐིག་ལེ་སྒྲུབ་པ་ལ། རྟེན་ཐིག་ལེ་འབྱུང་ཆོས་ཤིན་ཏུ་དྭངས་མར་བྱེད་པའི་རྗེས་དྲན་སྔོན་དུ་འགྲོ་དགོས་པ་དང་། ཞུ་བའི་ཁམས་དྭངས་མ་དེ་འགྲུབ་པ་ལ་ཞུ་བདེ་འཛག་མེད་ཀྱི་འཛིན་པ་སྔོན་དུ་འགྲོ་དགོས་པ་དང་། ཐིག་ལེར་རླུང་ཐིམ་པས་ཐིག་ལེ་འཛག་མེད་འགྲུབ་པ་ཡིན་ལ། རླུང་མ་ཐིམ་ན་དེ་མི་འགྲུབ་སྟེ། རླུང་ཐིག་ལེར་ཐིམ་པར་བྱེད་པ་ལ། དབུ་མའི་རླུང་འཇམ་ཞིང་ཕྲ་པ་འབའ་ཞིག་དགོས་པས། དེ་ལ་སྟེང་འོག་ནས་རོ་རྐྱང་གི་ཤེད་བཟུང་བའི་རླུང་རྩུབ་ཅིང་གྱོང་བ་དེ་ཉིད་ཕྲ་ཞིང་འཇམ་པར་འདུལ་བའི་སྲོག་རྩོལ་སྔོན་དུ་འགྲོ་དགོས་པ་ཡིན་ལ། རོ་རྐྱང་གི་རླུང་རྩུབ་པོ་འདུལ་པ་ལ། རྩ་ལམ་བྱང་ཞིང་ཡེ་ཤེས་ཀྱི་དབུ་མ་ལ་རེག་ནུས་པའི་བསམ་གཏན་སྟོང་གཟུགས་ཀྱི་རྣལ་འབྱོར་བསམ་གཏན་རིམ་པ་སྔོན་དུ་འགྲོ་དགོས་པ་དང་། བསམ་གཏན་སྟོང་གཟུགས་ཀྱི་རྣལ་འབྱོར་སྒོམ་པ་ལ་ནི། སོ་སོར་སྡུད་པ་སྔོན་དུ་འགྲོ་དགོས་ཏེ། སོར་སྡུད་མ་བསྒོམས་ན་སྟོང་གཟུགས་མཐོང་བ་མེད་པའི་ཕྱིར་རོ། །
Domain ཆོས་ལུགས།