70666

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡན་ལག་དྲུག་ཏུ་གྲངས་ངེས་པ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། སྦྱང་བྱ་ཁམས་དྲུག་སྦྱོང་དགོས་པའི་ཕྱིར། སྦྱོང་བྱེད་ཡན་ལག་དྲུག་གི་ལམ་བསྒོམ་དགོས་པ་དེ་བཞིན་དུ་ཕུང་པོ་དྲུག་དང་། དབང་པོ་དྲུག་དང་། ཡུལ་དྲུག་དང་། ལས་དབང་དྲུག་དང་། བྱ་བ་དྲུག་རྣམས་སྦྱོང་དགོས་པའི་ཕྱིར། ཡན་ལག་ཏུ་ངེས་ལ། སྦྱོང་བྱེད་ལམ་གྱི་ངོས་ནས་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཕར་ཕྱིན་དྲུག་རྫོགས་པ་དགོས་པའི་ཕྱིར། ཡན་ལག་དྲུག་ཏུ་ངེས་པ་ཡིན་ཏེ། སོར་སྡུད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་དང་། བསམ་གཏན་ནི་བསམ་གཏན་ཉིད་དང། སྲོག་རྩོལ་ནི་བརྩོན་འགྲུས་དང་། འཛིན་པ་ནི་བཟོད་པ་དང། རྗེས་དྲན་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་ཡིན་པས་སོ། །སྦྱངས་འབྲས་རྒྱལ་བ་རིགས་དྲུག་གི་གོ་འཕང་ཐོབ་པའི་ཕྱིར་ཡང་ཡན་ལག་དྲུག་གི་ལམ་བསྒོམ་དགོས་ཤིང་། དྲི་མ་སྦྱང་བའི་གཞི་བདེ་གཤེགས་སྙིང་པོ་ཡང་སྟོང་བ་ཆེན་པོ་འགྱུར་མེད་དྲུག་གི་ངོ་བོར་གནས་པའི་ཕྱིར་ཡན་ལག་དྲུག་ཏུ་ངེས་སོ། །
Domain ཆོས་ལུགས།