70676

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡན་ལག་བདུན་ལྡན་དབྱངས་ (1)
Part of speech མིང་ཚིག
Definition ངེས་པ་བདུན་དང་ལྡན་པའི་དབྱངས་བར་མ། ལྔ་ལྡན། བློ་གསལ། འཁོར་ཉན་བཅས་བདུན་ཏེ། ཇི་སྐད་དུ། དྲུག་སྐྱེས་རྨ་བྱའི་སྐད་ལྟར་སྒྲོག དྲང་སྲོང་བ་ལང་སྐད་ཀྱིས་རྩོམ། ས་འཛིན་སྐྱེས་ནི་ར་ཡིག་སྐད། བར་མ་ཁྲུང་ཁྲུང་སྒྲ་སྒྲོག་བཞིན། ལྔ་ལྡན་མེ་ཏོག་ལྡན་དུས་སུ། ཁུ་བྱུག་སྐད་སྙན་སྒྲོག་ལྟ་བུའོ། །བློ་གསལ་རྟ་སྐད་ལྟ་བུར་འཚེར། འཁོར་ཉན་གླང་པོའི་སྒྲ་ལྟ་བུའོ། །ཞེས་གླུ་དབྱངས་ཡན་ལག་བདུན་པོ་རེ་རེའི་སྒྲའི་རྣམ་པ་སྟོན་པའོ། །