7069

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏེར་ཆེན་ (1)
Part of speech མིང་ཚིག
Definition རང་བྱུང་གི་ཐོན་རྫས་རྒྱ་ཆེན་པོའི་དོན་ཏེ།
Example ཚལ་དམ་གཞུང་ལ་གཏེར་ཆེན་པོ་མང་ལྟ་བུ།
གཏེར་ཆེན་ (2)
Part of speech མིང་ཚིག
Definition གྲུབ་ཐོབ་གོང་མ་རྣམས་ཀྱིས་སྦས་པའི་ཟབ་གཏེར་འདོན་པའི་གཏེར་སྟོན་ཆེན་པོ་སྟེ། བླ་རྫོགས་ཐུགས་གསུམ་གྱི་ཟབ་གཏེར་ལ་དབང་སྒྱུར་མཁན་ལ་གཏེར་ཆེན་དང་གང་རུང་རེ་འདོན་མཁན་ལ་གཏེར་ཕྲན་དུ་འཇོག་པའི་ལུགས་ཤིག་དང་། གང་ཟག་གཅིག་འཚང་རྒྱ་བའི་ལམ་རིམ་ཆ་ཚང་བ་རེ་འདོན་མཁན་ལ་གཏེར་ཆེན་དང་། ལས་ཕྲན་ཙམ་གཏེར་ནས་འདོན་མཁན་ལ་གཏེར་ཕྲན་དུ་འཇོག་པའི་ལུགས་གཉིས་སུ་སྣང་།
Domain ཆོས་ལུགས།
གཏེར་ཆེན་ (1)
Part of speech གྲངས་ཚིག
Definition གྲངས་གནས་ཤིག་གི་མིང་དུ་བཤད།