70719
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། འདས་པའི་དུས་ལ་བརྟེན་ནས་ལྟུང་བ་བྱུང་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་ཕྱིས་བྱེད་པས་སྔོན་གྱི་མཐའ་དང་ལྡན་པའི་བག་ཡོད་པ། མ་འོངས་པའི་དུས་ལ་བརྟེན་ནས་ལྟུང་བ་བྱུང་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་ཕྱིས་བྱེད་པས་ཕྱི་མའི་མཐའ་དང་ལྡན་པའི་བག་ཡོད་པ། ད་ལྟར་བྱུང་བའི་དུས་ལ་བརྟེན་ནས་ལྟུང་བ་བྱུང་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་བྱེད་པས་དབུས་ཀྱི་མཐའ་དང་ལྡན་པའི་བག་ཡོད་པ། ལྟུང་བ་མ་བྱུང་བའི་སྔ་རོལ་ནས་ཕྱིས་ལྟུང་བ་མི་འབྱུང་བར་བྱ་བའི་ཕྱིར་ཇི་ལྟ་ཇི་ལྟར་སྤྱོད་ཅིང་གནས་ན་ཕྱིས་ལྟུང་བ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་སྤྱོད་ཅིང་གནས་པས་དུས་སྔ་ནས་བྱ་བའི་བག་ཡོད་པ། འཕྲལ་དུ་ཡང་ཕྱི་ནས་ཀྱང་ལྟུང་བ་མི་འབྱུང་བ་དེ་ལྟར་སྤྱོད་ཅིང་གནས་པས་ལྷན་ཅིག་སྤྱོད་པའི་བག་ཡོད་པ་དང་ལྡན་པའོ། ། |
| Domain | ཆོས་ལུགས། |