70751

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡབ་ལ་བརྟེན་པའི་རྩ་དབུ་མའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཡབ་ལ་བརྟེན་པའི་རྩ་དབུ་མའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་རེ་དྲུག་པ་ཡིན། བརྗོད་བྱ་ནི། རང་ཉིད་བདེ་མཆོག་ཏུ་གསལ་ཞིང་ལྟེ་བར་འབྱུང་ལྔའི་རླུང་དང་ཐིག་ལེ་གཏུམ་མོ་སྦྱར་བའི་བདེ་སྟོང་བསྐྱེད་པ་དང་། འཕོ་བའི་དམིགས་རིམ་རྣམས་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་ཕྱག་རྡོར་ས་ར་ཧ། །ཀླུ་སྒྲུབ་ཤ་བ་རི་དང་ལཱུ་ཡི་བ། །དཱ་རི་ཀ་པ་ཨནྡྷ་ར་ཏེ་ལོ་བ། ནཱ་རོ་ཕམ་མཐིང་མལ་མོ་བློ་གྲོས་གྲགས། །གོང་མ་རྣམ་ལྔ་ཞང་སྟོན་བྲག་ཕུག་པ། །ཆོས་རྗེ་བླ་མ་དཔལ་ལྡན་ཚུལ་ཁྲིམས་དང་། །ཤར་པ་ཡེ་རྒྱལ་ངོར་ཆེན་ཀུན་དགའ་བཟང་། །གུ་གེ་པཎ་ཆེན་བསོད་ནམས་ལྷུན་གྲུབ་པ། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རྗེ་བཙུན་གྲགས་པའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།