70772

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡར་ཀླུངས་གཙང་པོ་ (1)
Part of speech མིང་ཚིག
Definition བོད་ཀྱི་གཙང་པོ་ཆེ་ཤོས་ཤིག་སྟེ། བོད་དབུས་ཀྱི་ལྷོ་རྒྱུད་ན་ཡོད་ཅིང་། ཆུ་བོའི་འགོ་ནི་རི་བོ་ཧི་མ་ལ་ཡའི་རྗེ་མ་གཡང་འཛོམས་ཟེར་བའི་འཁྱགས་རོམ་དེ་ཡིན། དེའི་སྟོད་རྒྱུད་ལ་རྟ་མཆོག་ཁ་འབབ་ཟེར། དེ་ནས་གཙང་གི་ས་ཆ་བརྒྱུད་ལྷོ་ཁ་ས་ཁུལ་ཁོངས་སྣེ་གདོང་རྫོང་གི་ཡར་ཀླུངས་ཡུལ་དུ་འབབ་སྐབས་ཡར་ཀླུངས་གཙང་པོ་ཟེར། དེ་ནས་ཤར་ཕྱོགས་སུ་བབས་ཏེ་ཀོང་པོ་ཉིང་ཁྲི་ས་ཁུལ་ཁོངས་མེ་ཏོག་གི་ཉེ་འདབས་ནས་ཁ་ལྷོ་ཕྱོགས་ལ་གཏད་ནས། ཧིན་རྡུ་དང་། བྷང་ག་ལ་ནས་རྨ་བྱ་ཁ་འབབ་དང་འདྲེས་ནས་ཧིན་རྡུ་རྒྱུ་མཚོར་འབབ་ཀྱིན་ཡོད། གཙང་པོ་འདིའི་རྒྱུད་ཀྱི་བོད་ཡུལ་ས་ཁུལ་ཁག་ལ་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་གནམ་གཤིས་ཡག་པོ་ཡོད་པས། བོད་ཀྱི་མི་རིགས་ཐོག་མར་ས་ཁུལ་དེ་ནས་འཕེལ་རྒྱས་བྱུང་བ་དང་། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་གྱི་སྲིད་དོན་ལྟེ་གནས་ཤིག་རེད།
Synonyms ཡར་ཀླུང་། ཤམ་པོ་ཆུ། ཡར་མོ་ཀླུང་། རྟ་མཆོག་ཁ་འབབ། རྟ་མཆོག་གཙང་པོ། ཡར་ཆབ་གཙང་པོ།

{{#arraymap:ཡར་ཀླུངས་གཙང་པོ་

|; |@@@ | | }}