7079

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏེར་ཆེན་རིན་པོ་ཆེ་འབར་བའི་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་སྤྲེལ་ཕྱི་ལོ་ ༡༨༣༦ ལོའི་བོད་ཟླ་བཅུ་གཉིས་པའི་དམར་ཕྱོགས་ལ་ཡབ་སྨན་ལྷ་དར་རྒྱས་དང་ཡུམ་འཇང་བཟའ་རིན་ཆེན་སྒྲོན་མ་འམ་གཅེས་མིང་དུ་སྐྱིད་ལུར་འབོད་པ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དཔའ་བོ་གཙུག་ལག་ཆོས་རྒྱལ་གྱིས་ཟུར་མང་བླ་མ་ཀརྨ་གསུང་རབ་ཕྲིན་ལས་རབ་རྒྱས་བྱ་བའི་ཡང་སྲིད་དུ་ངོས་འཛིན་མཛད། སི་ཏུ་པད་མ་ཉིན་བྱེད་དབང་པོ་སོགས་མང་དུ་བརྟེན་ནས་མདོ་སྔགས་གཞུངས་ལུགས་ལ་ཐོས་བསམ་དང་ཉམས་ལེན་མཛད། ཁོང་གི་སྤྲུལ་གཞི་ནི་དྲུང་རྨ་སེ་བློ་གྲོས་རིག་ཆེན་གྱི་ཐུགས་སྲས་རྟོགས་ལྡན་ཡ་བརྒྱད་ཀྱི་ནང་ཕྱེས་མཁན་པོ་བསོད་ནམ་ཡེ་ཤེས་ཡིན་པ་དང་། དེ་ཡི་ཡང་སྲིད་ཚངས་པ་བསོད་ནམས་རྒྱ་མཚོ་དང་། བསོད་ནམས་འགྱུར་མེད། གསུངས་རབ་རྒྱ་མཚོ། གསུངས་རབ་འཕྲིན་ལས་རབ་རྒྱས་སོགས་སྤྲུལ་རྒྱུད་རྒྱུན་མ་ཆད་པས་ཟུར་མང་བཀའ་བརྒྱུད་ཀྱི་བསྟན་པ་ལ་ཞབས་ཏོག་རྒྱ་ཆེན་སྒྲུབ་པར་མཛད། ཁྱད་པར་དུ་སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོས། མ་འོངས་པའི་དུས་ན་དཔལ་མཻ་ཏྲི་པའི་སྐྱེ་བས་ཟབ་མོ་གཏེར་གྱི་འགྲོ་དོན་མཛད་པའི་དུས་སུ། ང་ཉིད་གནས་འདིར་སེང་གེའི་མཚན་ཅན་དུ་འབྱུང་བའི་རྟེན་འབྲེལ་ཡིན་གསུངས་ནས་བྲག་ལ་ཕྱག་འཛུབ་བཙུག་པའི་རྗེས་རིང་བསྲེལ་གྱིས་མཚན་པ་བྱུང་ཞིང་ལུང་བསྟན་པ་ནང་བཞིན་སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོའི་སྐུ་སྐྱེ་ཡིན་པའི་ཐུགས་བག་སད། མཁའ་འགྲོ་མ་ནམ་མཁའི་རྣལ་འབྱོར་མས་དག་སྣང་ཉེ་བརྒྱུད་ཀྱི་སྒོ་ནས་རྒྱལ་བ་འབའ་རོམ་པའི་ཆོས་དྲུག་ལ་སོགས་པའི་ཟབ་ཆོས་རྣམས་བསྩལ། རྒྱལ་བསྟན་སྤྱི་དང་བྱེ་བྲག་རྒྱལ་བ་འབའ་རོམ་པའི་བསྟན་པ་ལ་མཛད་རྗེས་ཆེ། སློབ་མ་བཀའ་བརྒྱུད་བཀྲ་ཤིས་སོགས་མང་དུ་བྱུང། བརྩམས་ཆོས་ལ། གཏེར་ཆོས་པོད་དགུ། དག་སྣང་ཆོས་སྐོར་པོད་གཅིག གསུངས་འབུམ་པོད་གཉིས། རྣམ་ཐར་པོད་གཅིག་བཅས་ཡོད་ལ་དེ་དག་ཕལ་ཆེར་ད་ལྟ་བཞུགས། རབ་བྱུང་བཅོ་ལྔ་པའི་ས་ཕོ་རྟའི་ཕྱི་ལོ་ ༡༩༡༨ ལོའི་སྤྲེལ་ཟླའི་ཚེས་བཅུ་དགུང་གྲངས་གྱ་གསུམ་ཐོག་གཟུགས་སྐུའི་བཀོད་པ་བསྡུས།

{{#arraymap:གཏེར་ཆེན་རིན་པོ་ཆེ་འབར་བའི་རྡོ་རྗེ་

|; |@@@ | | }}