7080

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏེར་ཆེན་ལས་རབ་གླིང་པ་ (1)
Part of speech མིང་ཚིག
Definition ཁོང་ནི་ཉག་རོང་ས་སྟོད་ཞི་བའི་ཁྱིམ་དུ་སྐུ་བལྟམས། བླ་མ་བསོད་ནམས་མཐའ་ཡས་དང༌། ཛཿསྤྲུལ་རིན་པོ་ཆེ། འཇིགས་མེད་ཡོན་ཏན་མགོན་པོ། རྗེ་བླ་མ་མཁྱེན་ཀོང་རྣམ་གཉིས་སོགས་ལས་ཟབ་ཆོས་རྒྱ་མཚོ་ལྟ་བུ་གསན། འཇམ་མགོན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་དང༌། རྡོ་གྲུབ་བསྟན་པའི་ཉི་མ་སོགས་ལས་མདོ་སྔགས་མང་པོའི་གཞུང་ལ་སྦྱོང་བ་མཐར་ཕྱིན་མཛད། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྐུའི་སྤྲུལ་པར་ལུང་གིས་ཟིན། ཁམས་དབུས་ཀྱི་གཏེར་གནས་དུ་མ་ནས་ཟབ་གཏེར་པོད་བཅུ་ཕྲག་གཉིས་ལས་བརྒལ་བར་སྤྱན་དྲངས། བོད་ཁམས་བདེ་བའི་ས་གནད་མང་པོ་ཉམས་གསོ་དང༌། རྟེན་གསུམ་གསར་བཞེངས་མཛད། ལྷ་སར་རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་དབུ་བླར་བཀུར། ཀློང་གསལ་རྡོ་རྗེ་སྙིང་པོའི་ཟབ་ཁྲིད་གཙོ་བོར་གྱུར་པའི་སྔ་འགྱུར་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པ་གསལ་བའི་མངའ་བདག་ཏུ་གྱུར་པའོ། །

{{#arraymap:གཏེར་ཆེན་ལས་རབ་གླིང་པ་

|; |@@@ | | }}