70806
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷ་སའི་ལྷོ་རྒྱུད་དང་། གཙང་པོའི་ལྷོ་ངོས། སྣ་དཀར་རྩེ་རྫོང་གི་བྱང་རྒྱུད་དུ་ཡོད། མཚོའི་འཁོར་རྒྱ་སྤྱི་ལེ་གྲུ་བཞི་མ་ ༦༧༨ དང་། མཚོ་འདི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༤༤༤༡ ས་ན་ཡོད་ཅིང་། གཏིང་ཟབ་ཤོས་ཀྱི་སར་སྨི་ ༥༩ ཡོད། མཚོའི་ནང་དུ་ཉ་རིགས་འབེལ་བོ་ཡོད་པ་དང་། མཚོ་འགྲམ་དུ་རྩྭ་སྣ་ཆུ་སྣ་འཛོམས་པས་འབྲོག་ས་ཡག་པོ་ཞིག་རེད། མཚོ་དེའི་ནུབ་བྱང་གི་མཚོ་སྣེ་ལ་མཚོ་ཆུ་ཡར་ཀླུངས་གཙང་པོར་རྒྱུག་སའི་ལམ་ཞིག་ཡོད་ཀྱང༌། ད་ལྟ་བྱེ་འདམ་གྱིས་བཀག་ནས་ཆུ་རྒྱུག་ས་མེད་པའི་སྐམ་སའི་ནང་ཁུལ་གྱི་མཚོ་ཞིག་ཏུ་གྱུར། |