70817

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡར་ལུང་གྲགས་པ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བཞི་པའི་འགོར་ཡར་ལུང་ལ་འཁྲུངས། ཆུང་དུས་ནས་བོ་དོང་དགོན་པར་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་མནོས། མདོ་སྔགས་རིག་གནས་མཁས་པར་སྦྱངས། བོ་དོང་དགོན་པའི་མཁན་པོ་མཛད། མངའ་རིས་གུ་གེ་རྒྱལ་པོ་ཁྲི་རྒྱལ་བསོད་ནམས་ལྡེའི་མཆོད་གནས་སུ་བཞུགས། བལ་ཡུལ་དང་རྒྱ་གར་སོགས་སུ་ཕེབས། པཎ་གྲུབ་མང་པོ་བསྟེན། རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་དཔལ་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ། ལེའུ་བཅུ་དགུ་བ་དང་། བྱ་རྒྱུད། བསྟན་འགྱུར་ལས་དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས། རྡོ་རྗེ་གདན་གྱི་སྒྲུབ་ཐབས། ཡི་གེ་དྲུག་པའི་སྒྲུབ་ཐབས། འཇིག་རྟེན་མགོན་པོའི་སྒྲུབ་ཐབས། སེང་གེ་སྒྲའི་སྒྲུབ་ཐབས། བརྟན་པའི་འཁོར་ལོའི་སྒྲུབ་ཐབས། ཨ་ར་པ་ཙ་ནའི་སྒྲུབ་ཐབས། བུང་བ་མྱོས་པའི་སྒྲུབ་ཐབས། ཤེས་རབ་འཕེལ་བའི་སྒྲུབ་ཐབས། གཏུམ་པོ་ཆེན་པོའི་སྒྲུབ་ཐབས། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། སྣ་ཚོགས་ཡུམ་གྱི་ཆོ་ག འཕགས་མ་དུག་སེལ་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། གཞོན་ནུ་གཙུག་ན་ནོར་བུའི་སྐྱེས་རབས་ཟློས་གར་གྱི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བ། མངོན་བརྗོད་ཀྱི་བསྟན་བཅོས་འཆི་བ་མེད་པའི་མཛོད་བཅས་ཆོས་ཚན་ཉིས་བརྒྱ་དོན་གཉིས་བཞུགས།