7082

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏེར་ཐོབ་པ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་ཚངས་པ་ཁྱད་པར་ཅན་གྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། སངས་རྒྱས་ཀྱི་སྤྱན་རབ་ཏུ་ཐོབ་པས་སངས་རྒྱས་མཐོང་བའི་གཏེར། ལྷའི་རྣ་བ་རབ་ཏུ་ཐོབ་པས་ཆོས་ཉན་པའི་གཏེར། ཕྱིར་མི་ལྡོག་པའི་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར། མཚན་དང་། དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པས་གཟུགས་ཀྱི་གཏེར། གཡོག་མི་བྱེད་པས་གཡོག་གི་གཏེར། གཟུགས་རབ་ཏུ་ཐོབ་པས་ཐོས་པའི་གཏེར། སྤོབས་པ་རབ་ཏུ་ཐོབ་པས་དྲན་པའི་གཏེར། ཕ་རོལ་གྱི་རྒོལ་བ་ཚར་གཅོད་པས་མི་འཇིགས་པའི་གཏེར། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བས་བསོད་ནམས་ཀྱི་གཏེར།
Domain ཆོས་ལུགས།