7085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏེར་བདག་གླིང་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ཕྱི་ལོ་ ༡༦༤༦ ལོར་གྲྭ་ནང་དར་རྒྱས་ཆོས་གླིང་དུ་ཡབ་སྨྱོས་སྟོན་གསང་བདག་འཕྲིན་ལས་ལྷུན་གྲུབ་དང་། ཡུམ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་གཉིས་ཀྱི་སྲུས་སུ་འཁྲུངས། མཚན་ཀུན་དགའ་དངོས་གྲུབ་རིན་ཆེན་དབང་རྒྱལ་ཞེས་གསོལ། བཞི་པར་ཡབ་ཆེན་ལས་བཀའ་བརྒྱད་གསང་རྫོགས་ཀྱི་དབང་ལུང་རྣམས་གསན། དགོན་པ་ནས་ཡི་གེ་འབྲི་ཀློག་སྦྱངས། བཅུ་གཅིག་པར་ལྷ་སར་ཕེབས། རྒྱལ་དབང་ལྔ་བ་ཆེན་པོར་དབུ་སྐྲའི་གཙུག་ཕུད་ཕུལ། མཚན་ངག་དབང་པདྨ་བསྟན་འཛིན་ཞེས་བསྩལ། དགུང་ལོ་བཅུ་གསུམ་པར་ཡོངས་སུ་གྲགས་པའི་སློབ་དཔོན་སུམ་ཅུ་རྩ་ལྔར་བསྟེན་ནས་རྩ་རྒྱུད་གསང་ན་སྙིང་པོ་དང་། རྒྱུད་བླ་མ་སེམས་ཉིད་ངལ་གསོ། ཡིད་བཞིན་མཛོད་རྩ་འགྲེལ་རྣམས་དང་བཅས་པར་ཐུགས་གཉེར་མཛད། བཅོ་བརྒྱད་པར་གཡའ་མ་ལུང་ནས་རིག་འཛིན་ཐུག་ཐིག་གི་ཆོས་སྐོར་དང་། ཉེར་གཉིས་པར་རྫུ་འཕྲུལ་གྱི་བཀོད་པས་ཤེལ་བྲག་ནས་འཇམ་དཔལ་གཤིན་རྗེ་དྲེགས་འཇོམས་དང་། སོ་གཅིག་པར་ཨོ་དཀར་ཕྲགས་ནས་གུར་དྲག་དང་། རྡོར་སེམས། ཨ་ཏིའི་སྐོར། སོ་ལྔ་པར་ཤ་འུག་ལྟག་སྒོ་ནས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་སྤྱན་དྲངས་པ་སོགས་ཤིན་ཏུ་མང་སྐད། རྒྱལ་དབང་ལྔ་པ་ཆེན་པོས་ཀྱང་ཟབ་གཏེར་དེ་དག་གི་དབང་བཀའ་གསན། སོ་གཅིག་པ་རབ་བྱུང་བཅུ་གསུམ་པའི་མེ་འབྲུག་ཕྱི་ལོ་ ༡༦༧༦ ལོར་ཨོ་རྒྱན་སྨིན་གྲོལ་གླིང་གསར་འདེབས་མཛད། སོ་དགུ་པར་བླ་བྲང་ཆོས་འཁོར་ལྷུན་པོ་དང་། བསམ་གྲུབ་གླིང་། བཀྲ་ཤིས་རབ་བརྟན་བཅས་དང་། ཞེ་དྲུག་པར་སྐུ་འབུམ་མཐོང་གྲོལ་ཆེན་མོ་དང་། ཕྱོགས་མཚམས་གཞན་རྣམས་སུ་བྱང་ཆེན་ལ་སོགས་ལྷག་མ་བདུན་སོགས་རྟེན་གསུམ་ཤིན་ཏུ་མང་པོ་གསར་བཞེངས་མཛད། ང་ལྔ་པར་སྒྲུབ་མཆོད་ཁང་དང་གསང་སྔགས་ཕོ་བྲང་བཅས་གསར་བཞེངས་མཛད། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་རྒྱ་ཆེར་སྤེལ། རབ་བྱུང་བཅུ་གཉིས་པའི་ཤིང་རྟ་ཕྱི་ལོ་ ༡༧༡༤ ལོ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རྒྱལ་དབང་ལྔ་པ་ཆེན་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྡོ་བྲག་རིག་འཛིན་པདྨ་འཕྲིན་ལས། ས་སྐྱ་ཁྲི་ཆེན་ཀུན་དགའ་བཀྲ་ཤིས། རྩེ་གདོང་ཞབས་དྲུང་ཁུ་དབོན་བཅས་ཡིན། གསུང་རྩོམ་ནི་པོད་ཆེན་བཅོ་ལྔ་ཙམ་བཞུགས།
Synonyms ཀུན་དགའ་དངོས་གྲུབ་རིན་ཆེན་དབང་རྒྱལ། པདྨ་གར་དབང་འགྱུར་མེད་རྡོ་རྗེ། ངག་དབང་པདྨ་བསྟན་འཛིན། ཞིག་པོ་གླིང་པ།

{{#arraymap:གཏེར་བདག་གླིང་པ་

|; |@@@ | | }}