70940

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡི་ (1)
Part of speech ཕྲད་ཚིག
Definition མིང་གོང་འོག་གཉིས་ཀྱི་བར་དུ་སྦྱར་བའི་ཚེ། མིང་དེ་གཉིས་བར་གྱི་འབྲེལ་བ་དེ་བདག་ཉིད་གཅིག་པའི་འབྲེལ་བ་དང་། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་དང་། བདག་པོ་དང་ཡུལ་གྱི་འབྲེལ་བ་དང་། རྟེན་དང་བརྟེན་པའི་འབྲེལ་བ་བཅས་གང་ཡིན་པ་གསལ་པོར་སྟོན་པ་ཞིག་ཡིན། འཇུག་ཚུལ་ནི། རྗེས་འཇུག་འ་དང་། མཐལ་རྟེན་མེད་པའི་རྗེས་སུ་འཇུག་པ་ཡིན།
Keyword True
Example དང་པོ་ནི། གཡུ་ཡི་མེ་ལོང་ཞེས་པ་ལྟ་བུ། གཉིས་པ་ནི། ང་ཡི་རྐང་ལག་ཅེས་པ་ལྟ་བུ། གསུམ་པ་ནི། ང་ཡི་སྨྱུ་གུ་ཞེས་པ་ལྟ་བུ། བཞི་པ་ནི། རྫ་ཁ་ཡི་འབྲོང་ཞེས་པ་ལྟ་བུ།
ཡི་ (2)
Part of speech ཕྲད་ཚིག
Definition ཚིགས་བཅད་ཀྱི་རྐང་པ་ཁ་སྐོང་དགོས་པའི་ཚེ། ཚིགས་བཅད་ཀྱི་དཀྱིལ་དང་མཇུག་གང་རུང་ལ་འཐོབ་པ་ཡིན།
Keyword True
Example སྐྱེས་པ་རབས་ཀྱི་གླེང་གཞི་ལས། ཡོན་ཏན་བཅུ་དང་ལྡན་པ་ཡི། །ཞེས་པ་ལྟ་བུ།
ཡི་ (3)
Part of speech ཕྲད་ཚིག
Definition མི་མཐུན་པའི་ཚིག་རྒྱན་ལ་འཇུག་པའང་ཡོད་དེ།
Keyword True
Example དགྲ་ལ་འཐབ་པ་ནི་སླ་ཡི་མགོ་སྒུར་བ་ནི་དེ་ལྟར་མ་ཡིན་ནོ་ཞེས་པ་ལྟ་བུ།
ཡི་ (1)
Part of speech མིང་ཚིག
Definition ཡིད་དམ་སེམས།
Example ཡི་ཆད་ཅེས་དང་། ཡི་རང་ཞེས་དང་། ཡི་མུག་ཅེས་པ་ལྟ་བུ།