70964

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡི་གེ་དྲུག་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། ཡི་གེ་དྲུག་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་པ། འགྲེལ་པ་བར་པ་ནས་བཤད་པ་ནི། རྡོ་རྗེའི་གདན་ལ་སངས་རྒྱས་ཕྱིར་ན་བདུད་འདུལ་བའི་ཕྱིར་གཤིན་རྗེ་གཤེད་པོས་ཡི་གེ་དྲུག་པའི་སྒྲ་བསྒྲགས་སོ། །ཡི་གེ་དྲུག་པོ་གང་ཞེ་ན། ཨཱ་མ་འ་ཡ་ར་ལ། ཞེས་པ་དྲུག་གོ ། ཡང་ན། ད་རེས་སྤྱི་ཏི་ཡོ་གའི་འགྲེལ་པ་ལྟར་བཤད་ན། ཡི་གེ་དྲུག་པོ་རྡོ་རྗེའི་སྒྲ། །ཞེས་པ། དེ་ལ་ཡི་གེ་དྲུག་པོ་དེ། སྔགས་དྲུག ཡི་གེ་དྲུག མིང་དྲུག བརྡ་དྲུག སྒྲ་དྲུག་དང་སུམ་ཅུ་ཐམ་པ་སྟེ། ཞེས་དང་། ཡང་ན། ཡི་གེ་དྲུག་ནི། ཨ་ཁ་ཞ་སོད་ཧཱུྃ་འ་དང་དྲུག་གོ ། ཨ་ནི་སྐྱེ་མེད་ཀ་དག་ལ། ཁ་ནི་རིག་པ་འགག་མེད་འོད་གསལ་ཆེན་པོར་ཤར། ང་ནི་ང་བདག་མ་རིག་དབང་གིས་ཆོས་ཉིད་དོན་མ་རྟོགས། ང་ལས་དུག་ལྔའི་དགྲ་ལངས། ཁམས་གསུམ་འཁོར་བར་འཁྱམས། ཞ་ཞེས་པ་སྤྱི་ཏི་ཡོ་གའི་སྐྱེ་མེད་ཀ་དག་གདམས་ངག་གིས། ང་བདག་དུག་གསུམ་རང་བཞིན་སྙིང་པོ་སྐུ་གསུང་ཐུགས། ཉོན་མོངས་པ་རང་བཞིན་འཁྲུལ་པ་བྱུང་སར་ཐིམ། སྒོ་ལྔ་ཡུལ་ལྔ་མཚན་མ་རང་སར་ཐིམ། མ་རིག་འཁྲུལ་སྒྲོ་བཅད་པས་འཁོར་བའི་འདམ་ནས་ཐར། སོད་ཉོན་མོངས་ཞི་བས་འགྲོ་དྲུག་གཡང་ས་བཅད་ཅེས་གསུངས་སོ། །ཧཱུྃ་ནི་ཆོས་ཅན་མཚན་མའི་བྱེ་བྲག་ཆོས་ཉིད་དབྱིངས་སུ་སྡུད། འ་ནི་སྐྱེ་མེད་ཆོས་ཉིད་ཀློང་དུ་ཐིམ། ཡི་གེ་དྲུག་པས་ཆོས་རྣམས་གཏན་ལ་འབེབས། །ཞེས་གསུངས་སོ། །ཞེས་གསལ།
Domain ཆོས་ལུགས།

{{#arraymap:ཡི་གེ་དྲུག་

|; |@@@ | | }}